༈ །།བློ་གྲོས་ཚིགས་བཟང་འཇུག་ངོགས་རབ་ཡངས་ངོས། །ལུང་རྟོགས་བསྟན་པའི་ཆུ་འཛིན་འབུམ་དཀྲིགས་ཏེ། །ལེགས་ བཤད་དཔལ་གྱི་འབྱོར་པ་གསར་པའི་ཆར། །འབེབས་མཁས་དམ་པའི་བཤེས་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་སེང་ཆེན་སྤྲུལ་པའི་སྐུའི་མཚན་བསྟོད་དུ་དགེ་སློང་དྷརྨ་བྷ་དྲས་དྭང་བ་ཆེན་པོས་ཕུལ་བའོ།།